དཀོན་མཆོག་ གསུམ་ ལ་ ཕྱག་ འཚལ་ ལོ ། ། གང་ གིས་ འཆིང་ རྣམས་ ཡང་དག་ རབ་ བཅད་ ཅིང་ ། ། མུ་སྟེགས་ ཚོགས་ རྣམས་ ཐམས་ཅད་ རབ་ བཅོམ་ སྟེ ། ། སྡེ་ དང་ བཅས་པ འི་ བདུད་ རྣམས་ ངེས་ བཅོམ་ ནས ། ། བྱང་ཆུབ་ འདི་ བརྙེས་ དེ་ ལ་ ཕྱག་ འཚལ་ ལོ ། ། ཁྱིམ་ དོན་ ཆེ་ཆུང་ སྤངས་ ཏེ་ དང་པོ ར་ རབ་ འབྱུང་ དཀའ ། ། རབ་བྱུང་ ཐོབ་ ནས་ ཡུལ་ སྤྱད་ དག་ གིས་ དགའ་ ཐོབ་ དཀའ ། ། མངོན་ དགའ་ ཇི་ བཞིན་ དོན་ བསྐྱེད་ ཡང་ དག་ བྱེད་པ་ དཀའ ། ། ངུར་སྨྲིག་ གོས་ འཆང་ མཁས་པ་ ཚུལ་ ལས་ ཉམས་པ་ དཀའ ། །